[129B]།དེ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ་།ཏདྱ་ཐཱ། ཨོཾ་ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ ལུ་ཀུ་ལུ། བྷ་ར་བྷ་ར། བཧི་རི་བཧི་རི། བཧུ་རུ་བཧུ་རུ། བྷ་ཡ་བྷ་ཡ། ཀུ་རུ་ཀུ་རུ། སརྦ་ཀརྨ་ཨཱ་བ་ར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སཱཧཱ། ཛྭ་ལ་ནེ་བི་དྷ་ནི་བཻ་སཱཧཱ། ཀུ་ རུ་པཉྩ་ལི་སཱཧཱ། སཱ་ག་ར་སམ་བི་རེ་སཱཧཱ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་སཱཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་ནང་པར་ལངས་ནས་ལན་བརྒྱ་རྩ་ བརྒྱད་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི་ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ་སྤྱན་ལྔའང་རྣམ་པར་དག་པར་འགྱུར་ རོ། །དེ་ལ་མིག་ནད་འབྱུང་བར་མི་འགྱུར་རོ། །ལུས་ལ་ནད་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་ཉེས་པ་འབྱུང་བར་མི་འགྱུར་རོ། །སྤྱན་ངའང་རྣམ་ [130A]༄༅། །པར་དག་པར་འགྱུར་རོ། །དེ་ལ་མིག་ནད་འབྱུང་བར་མི་འགྱུར་རོ། །ལུས་ལ་ནད་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་ཉེས་པ་འབྱུང་བར་མི་ འགྱུར་རོ། །སྤྱན་ལྔའང་རྣམ་པར་དག་པར་འགྱུར། དེ་བཞིན་དུ་ཡིད་རྣམ་པར་དག་པ་ལྔའང་ཐོབ་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པར་ འགྱུར། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་མཐོང་བ་དང། ཆོས་ཐོས་པ་དང། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་ སྨིན་པར་བྱེད་པ་དང་བྲལ་བར་མི་འགྱུར་རོ། །ལུས་མཛེས་པར་འགྱུར་རོ། །སེམས་དྭང་བར་འགྱུར་རོ། །འཕགས་པ་པདྨའི་སྤྱན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།